ཁེ་རྒད་མདོ་སྣང་
མཐོང་རིས་
ཁེ་རྒད་མདོ་སྣང་ ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་ཤིང་། རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོའི་བློན་པོ་ཡིན། དེ་ནས་མུ་མཐུད་དེ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་གྱི་བློན་པོ་མཛད་ཀྱང་རྒྱལ་པོ་དགུང་ལོ་ཆུང་བའི་སྐབས་དང་བསྟུན་ཏེ་བོད་ལུགས་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ 705 ལོར་སྲིད་འགྱུར་གྱི་དུས་ཟིང་བསླངས་པའི་མགོ་བརྩམས་ཀྱང་རྒྱལ་པོའི་ཆབ་སྲིད་ཀྱི་རོགས་སྐྱོང་པ་ཕྱི་མོ་འབྲོ་བཟའ་ཁྲི་མ་ལོད་དང་། བློན་པོ་ཁུ་མང་པོ་རྗེ་ལྷ་ཟུང་བཅས་མཉམ་འབྲེལ་མཛད་ནས་བོན་མོ་ན་ལ་ཙེར་ཞེས་པའི་ས་ཁུལ་དུ་དྲག་པོ་གཡུལ་གྱིས་ཚར་བཅད་ཅིང་སྲིད་འགྱུར་གྱི་དུས་ཟིང་ལྷིང་འཇགས་སུ་བཏང་ངོ་།།