Jump to content

ཁེ་བརྒྱད་

ཡོང་ཁུངས་Wikipedia

སྔར་བཙན་པོའི་དུས་སྐབས་སུ་ཁེ་བརྒྱད་ཅེས་སྲིད་གཞུང་གི་དཔྱ་ཁྲལ་དང་ཚོང་དོན་གྱི་ས་ཁུལ་བརྒྱད་ཡོད་པའི་མིང་སྟེ། དེ་ཡང་ལ་སྒོའམ་ལས་སྒོ་ཆེན་པོ་བཞི་དང༌། དེ་རེ་རེ་ལ་ཡན་ལག་ཆུང་བ་རེ་བཅས་བསྡོམས་པས་བརྒྱད་ཡོད། ༡ཤར་ཕྱོགས་ཀྱི་དར་ཟབ་ལས་སྒོ་ལ་བློན་པོ་འབྲོ་ཁྲི་སུམ་རྗེ་སྟག་སྣང་གིས་དབང་བསྒྱུར། ༢ལྷོ་ཕྱོགས་སུ་ཡོད་པའི་འབྲས་དང་ཁྲེའི་ལས་སྒོ་ལ་བློན་པོ་འགོས་ཁྲི་སྙེན་བལ་མས་དབང་བསྒྱུར། ༣ནུབ་ཕྱོགས་སུ་རས་དང་རྒྱ་སྐག(དམར་ཚོས)གི་ལས་སྒོ་ལ་བློན་པོ་འབྲོ་ཆུང་བཟང་འོར་མས་དབང་བསྒྱུར། ༤བྱང་ཕྱོགས་སུ་ཚྭ་དང་མཛོའི་ལས་སྒོ་ལ་བློན་པོ་ཁྱུང་པོ་སྤུ་སྟངས་ཀྱིས་དབང་བསྒྱུར་བ་བཅས་ཡིན་པར《མཁས་པ་ལྡེའུའི་ཆོས་འབྱུང》ལས་བཙན་པོ་སྲོང་བཙན་སྒམ་པོའི་ལོ་རྒྱུས་སྐབས་སུ་གསུངས་འདུག(འདིའི་ནང་གི་བློན་པོ་གཉིས་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན་པས་བརྟག་དགོས་སོ)

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།