ཁེ་གསུམ་
མཐོང་རིས་
དེ་སྔའི་བོད་ས་གནས་སྲིད་གཞུང་གི་བཀའ་བློན་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱིས་སྒེར་འཛིན་བྱེད་པའི་གཞིས་ཁ་ཆེན་པོ་ཞིག་སྟེ། གཞིས་ཀ་དེའི་ཁང་པ་རྒྱག་སྐབས་ས་རྡོ་གཉིས་དང༌། ཤིང་ཆ་འུ་ལག་བཅས་ལ་དངུལ་གང་ཡང་སྤྲོད་མི་དགོས་པའི་ཁེ་ཆེན་པོ་གསུམ་བྱུང་བས་ན་ཁེ་གསུམ་ཞེས་བཏགས་པ་ཡིན་ཟེར་སྲོལ་དང༌། དེང་སྐབས་བོད་རང་སྐྱོང་ལྗོངས་སྣེ་གདོང་རྫོང་ཁྲ་འབྲུག་ཆུས་ཀྱི་ཁོངས་སུ་ཡོད)
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།