Jump to content

ཁུར་བ་

ཡོང་ཁུངས་Wikipedia

འདི་བྱ་ཚིག་མིན་པར་མིང་ཡིན། ཡོངས་གྲགས་ཁ་བསྲེག་ཅེས་གྲོ་ཞིབ་བརྫིས་པ་ལས་བཟོས་པའི་ཟས་རིགས་མར་དང་སྣུམ་གྱི་ནང་དུ་བཙོས་པ་དེ་ཡིན། ཡུལ་སྐད་ལ་ཁུར་ར་ཞེས་ཀྱང་ཟེར། དེ་སྔོན་ལྷ་ས་སྨོན་ལམ་ཆེན་མོའི་སྐབས་ཞོགས་པའི་སྔ་ཚོགས་ལ་ཉིན་ལྟར་དགེ་འདུན་རེར་ཁུར་བ་སྣུམ་བཙོས་མ་རེ་ཕུལ་གྱི་ཡོད་ཀྱང༌། རྗེས་སུ་ཚོགས་པ་ཆེ་ཞིང་འཚང་ཀ་ཚ་བས་འགའ་ཞིག་ལ་ཆ་ཚང་བར་ཐོབ་ཀྱི་མེད་སྟབས་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱིས་སྲིད་དབང་བཟུང་སྐབས། ཁུར་བའི་དོད་དུ་དགེ་འདུན་རེར་བོད་དངུལ་ཊམ་གཅིག(ཞོ་གང་སྐར་མ་ལྔ་སྟེ་སྐར་མ་བཅོ་ལྔ)གི་དྲུག་ཆ་སྟེ་སྐར་མ་བཅོ་ལྔ་ཆ་དྲུག་ལ་བགོས་པའི་ཆ་གཅིག་ནི་སྐར་མ་གཉིས་དང་ལི་ལྔ་ཡིན་པས་དེ་ནི་ཡོངས་གྲགས་སུ་ཁ་གང་ཞེས་འབོད་སྲོལ་ཡོད་པ་དེ་འདྲ་རེ་རེ་ཕུལ་རྒྱུར་ལེགས་བཅོས་བཏང་བར་བརྟེན་སྲིད་གཞུང་དང་མི་སེར་ལ་དཀའ་ངལ་ཆུང་ཞིང༌། དགེ་འདུན་དམངས་ལ་ཡང་གྱོང་གུན་མེད་པ་བཅས་ཕན་ཐོགས་ཆེན་པོ་བྱུང་ཡོད།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

"https://bo.wikipedia.org/w/index.php?title=ཁུར་བ་&oldid=85458"ལས་སླར་རྙེད་སོང།