ཁུག་པ་བཅོ་བརྒྱད་
མཐོང་རིས་
སངས་རྒྱས་ཆོས་ལུགས་ཀྱི་གཞུང་《མངོན་པ་མཛོད》ལས། འཛམ་བུ་གླིང་པའི་མི་རྣམས་ཀྱི་ཚེ་ཚད་ལོ་བརྒྱད་ཁྲི་ནས་རིམ་གྱིས་ཚེ་ལོ་བཅུ་པའི་བར་འགྲིབ་པ་དང༌། དེ་ནས་སླར་ཡང་ཚེ་ལོ་བརྒྱད་ཁྲིའི་བར་དུ་འཕེལ་བའི་དུས་སྐབས་གཉིས་བསྡོམས་པ་ལ་ཁུག་པ་གཅིག་ཟེར་ཞིང༌། དེ་འདྲ་བ་བཅོ་བརྒྱད་ལ་བར་གྱི་ཁུག་པ་བཅོ་བརྒྱད་ཟེར།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།