ཁུ་ཤེས་རབ་བརྩོན་འགྲུས་
མཐོང་རིས་
ཁུ་ཤེས་རབ་བརྩོན་འགྲུས་ ཁོང་ནི་རབ་བྱུང་དང་པོའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ 1075 ལོར་སྐུ་འཁྲུངས། རབ་བྱུང་གཉིས་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ 1143 ལོར་སྐུ་གཤེགས། ཁོང་གིས་འབྲེ་ཆེན་པོ་ཤེས་རབ་འབར་གྱི་ཞབས་ལ་གཏུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། དེ་ནས་འཆད་ཉན་མཛད་དེ་བསྟན་འཛིན་གྱི་བུ་སློབ་མང་དུ་གསོ་སྐྱོང་མཛད། མཁས་པ་ཆེན་པོ་ཞང་གཡེ་པ་ཡང་ཁོང་དང་དཀར་ཆུང་པ་གཞོན་ནུ་ཚུལ་ཁྲིམས་ཀྱི་སློབ་མ་ཡིན། ཕར་ཕྱིན་གྱི་ཊཱིཀྐ་ཡང་རྒྱས་འབྲིང་བསྡུས་གསུམ་དུ་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ། དགུང་ལོ་དྲུག་ཅུ་རྩ་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།།