ཁུ་ཤེར་བརྩོན་
མཐོང་རིས་
འབྲེ་ཆེན་པོ་ཤེས་རབ་འབར་གྱི་སློབ་མ་མཚན་སྙན་ཆེ་བ་ཞིག་སྟེ། རབ་བྱུང་གཉིས་པའི་ཤིང་ཡོས(༡༠༧༥)ལོར་ཡར་ལུང་དུ་སྐུ་འཁྲུངས། འབྲེ་ཆེན་པོ་ཤེས་རབ་འབར་གྱི་དྲུང་དུ་ཕར་ཕྱིན་དང་ཚད་མ་གསན། རྒྱུན་དུ་ཕར་ཕྱིན་དང་ཚད་མའི་དཔེ་ཁྲིད་གནང་བས་སློབ་མ་ཡང་གྲགས་ཅན་མང་ཞིང༌། འདིས་མཛད་པའི《མངོན་རྟོགས་རྒྱན་གྱི་ཊིཀ》རྒྱས་འབྲིང་བསྡུས་གསུམ་ཡོད། དགུང་ལོ་དྲུག་ཅུ་རེ་དགུ་པ་རབ་བྱུང་གཉིས་པའི་ཆུ་ཕག་(༡༡༤༣)ལོར་སྐུ་གཤེགས། ལོ་རྒྱུས་ཞིབ་པ་མ་རྙེད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།