Jump to content

ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་

ཡོང་ཁུངས་Wikipedia

གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སློབ་མ་གཙོ་ཆེ་བའི་གྲས་ཡིན། འཁྲུངས་ཡུལ་གནུབས་ཁུ་ལུང(དེང་སང་གི་གཙང་སྨད་རོང་ཁུལ)ནས་ཡིན། སྐྱེ་བ་སྔོན་མའི་ཁུ་བོར་གྲགས་པ་དྷ་ན་དྷ་ལས་དབང་བསྐུར་ནས་མན་ངག་གནང༌། མཁར་གདོང་ཡོན་མོའི་གཙུག་ཏུམ་ལྟ་བུའི་ས་གནས་དེར་མཉམ་དུ་ཕེབས་ནས་བསྟན་སྲུང་གཤིན་རྗེ་དམར་ནག་དང༌། མ་མོ། གཤིན་རྗེའི་སྐོར་སོགས་གནང༌། དགུང་ལོ་སུམ་ཅུར་ཕེབས་སྐབས་རི་དྭགས་རྔོན་པར་ཕེབས་པ་དང་གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་མཇལ་ནས་རབ་ཏུ་བྱུང༌། 《ལྟ་བ་སྒང་དྲིལ》སོགས་གདམས་ངག་ཐམས་ཅད་རྫོགས་པར་གནང༌། སྐབས་དེར་བོད་ས་གནས་སུ་འབངས་གྱེན་ལོག་བྱུང་ནས་བཙན་པོའི་སྲིད་དབང་གཏོར་བའི་སྐབས་ཡིན་པས། གཤེད་མ་མི་བརྒྱ་ལྷག་ཙམ་གྱིས་ཁོང་གི་མཐའ་ནས་བསྐོར་བས་ཁོང་གིས་ནུས་པ་བསྟན་པས་ཐམས་ཅད་སྐྲག་ནས་བྲོས་པ་སོགས་ལོ་རྒྱུས་མདོར་བསྡུས་ཤིག《གུ་བཀྲ་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༢༤༩ནས༢༥༠བར་གསལ་བ་དེར་གཟིགས།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།