ཁུ་མདོ་སྡེ་འབར་
མཐོང་རིས་
བོད་ཀྱི་རབ་བྱུང་དང་པོའི་མཇུག་སྟེ་དུས་རབས་བཅུ་གཉིས་པའི་མཇུག་ཙམ་ལ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་ཞིག་སྟེ། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་དང་དུས་མཚུངས། ལོ་ཙཱ་བ་འདིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི《ཞིབ་མོ་རྣམ་འཐག》བསྒྱུར་བ་སྡེ་དགེ་བསྟན་འགྱུར་མདོ་ཕྱོགས་པོད[ཙ]པར་ཡོད། ཁ་ཆེའི་པཎྜིཏ་ཛ་ཡ་ཨནྟས་མཛད་པའི་《དབུ་མ་རྟོག་གེ་ཐོ་བ》བསྒྱུར་བ་སྡེ་དགེ་བསྟན་འགྱུར་མདོ་ཕྱོགས་པོད[ཡ]པར་ཡོད། ཐང་པོ་ཆེ་དགོན་པར་ཁུ་པ་ཞེས་པའི་གྲྭ་ཚང་ཞིག་ཡོད་པ་ཡང་ལོ་ཙཱ་བ་འདིའི་ཆོས་བརྒྱུད་འཛིན་མཁན་རྣམས་རྗེས་སུ་ཐང་པོ་ཆེར་གཞིས་ཆགས་པའི་མགྲོན་པོ་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།