ཁུ་མང་པོ་རྗེ་ལྷ་ཟུང་
མཐོང་རིས་
ཁུ་མང་པོ་རྗེ་ལྷ་ཟུང་ ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་ཤིང་། རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོའི་དམག་དཔོན་དང་། བོད་ལུགས་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ 705 ལོར་བློན་པོ་ལྡེག་རེན་པ་མནོན་སྣང་གྲགས་དང་། ཁེ་རྒད་མདོ་སྣང་གཉིས་ཀྱིས་འགོ་འཛིན་བྱས་ནས་དུས་ཟིང་བསླངས་བ་དེ་ཁོང་གིས་དྲག་གནོན་མཛད་ཅིང་དུས་བདེ་ཞོ་འཇགས་སུ་བཏང་ངོ་། ལོ་དེའི་དགུན་ཁར་ཕྱི་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་གྱི་ནང་བློན་ཆེན་པོ་བསྐོ་བཞག་མཛད་ཀྱང་ཡུན་རིང་དུ་མ་འགོར་བར་ཕྱི་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་ཕྲ་མ་གསན་ནས་གླིང་རིང་ཚལ་དུ་ཁོང་ཉིད་ཁྲིམས་ལ་བཀྱོན་ཏོ།།