Jump to content

ཁུ་ནུ་

ཡོང་ཁུངས་Wikipedia

ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《སྡོམ་གསུམ་རང་མཆན》དཔེ་དེབ་བྲིས་མ་ཤོག་གྲངས༦༧པའི་ནང༌། ནག་པོའི་ཕྱོགས་ལ་དགའ་བ་ཡིན། །སྐར་རྒྱལ་ཞེས་བྱའི་ཀླུ་ཆེན་ཞིག ཞེས་པའི་མཆན་དུ་ཁུ་ནུ་ཞེས་བྱ་བའི་ཡུལ་གྱི་རྟིང་དུ་ཞེས་གསལ་ཞིང༌། དེ་ཡང་ཡུལ་དེའི་ར་རྫི་ཞིག་ལ་ཀླུ་སྐར་རྒྱལ་བྱ་བ་ཁོག་ཞུགས་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་སྐུ་དངོས་ལྟ་བུའི་རྫུ་འཕྲུལ་བསྟན་ནས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་ཕྱིན་ཅི་ལོག་པའི་ཆོས་མང་པོ་བཤད་དེ་མི་མང་པོ་མགོ་བསྐོར་ཐེབས་ནས་ཡོད་སྐབས་ལོ་ཙཱ་བ་རིན་ཆེན་བཟང་པོས་ཚར་བཅད་པ་དེ་ཡིན། ཡུལ་དེར་ཁུ་ནུ་ཀ་གནམ་ལྷུན་གྲུབ་དགེ་འཕེལ་ཞེས་པའི་དགོན་པ་ཞིག་ཡོད་པ་སྔར་ས་སྐྱའི་ཆོས་ལུགས་འ ཛིན་པ་ཞིག་ཡིན། རྗེས་སུ་དགེ་ལུགས་སུ་བསྒྱུར་བ་ཡིན་ཚུལ《བེེ་སེར》ལྕགས་དཔར་མའི་ཤོག་གྲངས༢༨༡པར་གསལ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

"https://bo.wikipedia.org/w/index.php?title=ཁུ་ནུ་&oldid=85439"ལས་སླར་རྙེད་སོང།