ཁལ་ཁ་ཚོ་པ་བདུན་
འདི་སྐོར་གྱི་དཔྱད་གཞི་ཁ་གསལ་ཞིག་མ་རྙེད་པས《སུམ་པ་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༡༠༠༤ནས༡༠༠༥བར་གསལ་བ་ལྟར་བཀོད་ན། མདོར་དྲིལ་ན་སོག་པོ་སྔ་དུས་ཁྲི་སྐོར་བཞི་བཅུ་ཡོད་པའི་སུམ་ཅུ་པེ་ཅིན་དུ་ལུས། བཅུ་ཕྱི་ལོགས་ལ་ཐོན་པའི་བཞི་ལ་ཨོའི་ལོད(ཇུན་གར་སྨད)ཟེར། བར་དུ་ཕྱིའི་སོག་པོ་ལ་རྒྱབ་ཀྱི་ཨོའི་ལོད་དང༌། སྨད་ཀྱི་མོན་གོལ་གཉིས་ལས་ཕྱི་མ་ལ། གཡས་རུ་གསུམ་ནི། ཨོར་ཏུ་སུ། ཐུ་མེད་བཅུ་གཉིས། ཨ་རུ་ཧོར་ཆེན། གཡོན་རུ་གསུམ་ནི། ཆ་ཧར། ཧལ་ཧ། ཨུར་ཧན་ཟེར། དུས་ཕྱིས་མོང་གོལ་དང༌། ཧལ་ཧ། ཨོའི་ལོད་གསུམ་དུ་འབྱེད། དེ་ལས་མོང་གོལ་ཚོ་ཆེན་བཞི་བཅུ་ཟེར་བ་གོང་སྨྲོས་ལྟར་ཚོགས་འདུས་དྲུག་ཏུ་འདུས་པ་ནི། རྨ་ཆུའི་ཕུག་གི་ཨོར་ཏུ་སུའི་ས་ཆ་ཨེ་ཁེ་ཇོ་བོ་ན་ཝང་དང༌། ཧད་གིན། འོ་ཐོག ཏ་ལང༌། ཨ་ཤང༌། ཇོན་གར་དྲུག མཁར་སྔོན་པོའི་རྒྱབ་ཀྱི་ཨུ་ལན་ཆབ་ན། དུར་བེད། ཁུའུ་ཁེད། ཆོས་ཁུར། ཧལ་ཧ། ཨུ་རང་སྟོད་སྨད་བར་གསུམ་སྟེ་དྲུག ཇོའུ་སའོ་ཏིའན། པཱ་རིན། ཨོང་ཉོད། ནའི་མན། ཨོའུ་ཧན། ཇ་རོང༌། ཁེ་ཤིག་ཐན། ཨ་རུ་ཧོར་ཆིན་དང་བདུན། ཞི་ལེའི་ན་གེལ་ན། ཨ་པ་གྭ སོ་ཉིད། ཨོང་ཉོད། ཧུའི་ཆིང་Tཧན་ཆེན་དང་ལྔ། ཡོ་སོག་ཐུན། ཐུ་མེད་ཇ་ལིང༌། ཧོར་ལོས། ཧ་ཆོ་ཧོར། ཨ་པ་ག་ནར། ཧོར་ཆེན་དང་དྲུག ཇེ་རེའི་མུ་ན། ཧོར་ཆེན་ཚོ་བཅུ། ཨུ་ཅུ་མུ་ཇིའོ། ཧལ་ཧ་ལ་ཚོབདུན་ཡོད་ཀྱང༌། གཡས་རུ་ཇ་སག་ཐུ་ཧན། དབུས་རུ་ཐུ་ཞེའི་ཐུ། གཡོན་རུ་ཆེ་ཆེན་ཧན་གྱི་ཤོག་ཁ་གསུམ་དུ་འདུའོ། །ཞེས་འབྱུང་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།