Jump to content

ཁལ་ཁ་མཁན་པོ་ངག་དབང་བློ་བཟང་མཁས་གྲུབ་

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „ཁལ་ཁ་ངག་དབང་མཁས་གྲུབ་“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

ཁལ་ཁ་མཁན་པོ་ངག་དབང་བློ་བཟང་མཁས་གྲུབ་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ 1779 ལོར་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1838 ལོར་སྐུ་གཤེགས། ཁོང་གིས་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་སྐུ་ཚེ་གང་བོར་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། ཁོང་གི་གྲུབ་མཐའ་ནི་རི་བོ་དགའ་ལྡན་པ་ཡིན། ཁོང་གི་གསུང་རྩོམ་ནི《སྐྱེ་ཤི་བར་དོའི་རྣམ་གཞག》དང་། 《སྐོར་ཚད་ཐར་བའི་ཐེམ་སྐས》། 《ཀུན་མཁྱེན་བླ་བའི་བློ་རིགས་ཀྱི་ཟུར་མཆན》 《འབེལ་གཏམ》། 《རྒན་རྒོན་ཕོ་མོའི་ལོ་རྒྱུས་དང་སྦྱར་བའི་བསྟན་བཅོས་དགྲ་བོ་འཕྲང་སྒྲུག》བཅས་ཆོས་ཚན་བརྒྱད་ཅུ་གྱ་དགུ་ཡོད་པ་པོད་གསུམ་དུ་བསྡུས་ནས་བཞུགས་སོ།།