ཁལ་ཁ་ངག་དབང་རྡོ་རྗེ་
ཁལ་ཁ་ངག་དབང་རྡོ་རྗེ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་མགོ་ཙམ་དུ་སྐུ་འཁྲུངས། ཁོང་གིས་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ (1617—1682) དང་། བ་སོ་ངག་དབང་ཆོས་ཀྱི་དབང་ཕྱུག (1606—1652) རྣམ་གཉིས་དང་ཆོས་འབྲེལ་གསན་རེས་མཛད་པ་ལས་རྣམ་ཐར་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་གསུང་རྩོམ་ནི《དགེ་སློང་གི་བསླབ་བྱ་མདོར་བསྡུས》དང་། 《འདུལ་བའི་ཡན་ལག་ལྟུང་བྱེད་འབའ་ཞིག་བས་མ་གོས་པར་བྱེད་ཚུལ་བརྗེད་བྱང་དུ་བྱས་པ》། 《དགེ་སློང་མའི་བསླབ་བྱའི་རྣམ་གཞག》། 《དགེ་སློང་ལ་ཉེས་བྱས་སུ་འགྱུར་བའི་བསླབ་བྱའི་རྣམ་གཞག》། 《སོ་སོར་བཤགས་པར་བྱ་བ་དང་ཉེས་བྱས་ཀྱི་སྡེའི་ལྟུང་བས་མ་གོས་པར་བྱེད་ཚུལ་བརྗེད་བྱང་དུ་བྱས་པ》། 《[[དགེ་སློང་གི་སྤང་བྱའི་གཙོ་བོ་ལྟུང་བ་སྡེ་ལྔའི་ནང་ནས་ཕམ་པའི་ལྟུང་བས་མ་གོས་པར་བྱ་ཚུལ་བརྗེད་བྱང་དུ་བྱས་པ]]》། 《སྤང་བའི་ལྟུང་བྱེད་ཀྱིས་མ་གོས་པར་བྱེད་ཚུལ་བརྗེད་བྱང་དུ་བྱས་པ》བཅས་པོ་ཏི་གཅིག་བཞུགས་སོ།།