ཁའུའི་བྲག་རྫོང་

ཡོང་ཁུངས་Wikipedia

ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་མཆན་དཔྱད་རགས་བསྡུས།སྐབས་འདིར་འབྲོམ་སྟོད་ཁའུ་བྲག་རྫོང་ཞེས་འཁོད་འདུག་པ་ཡོངས་གྲགས་སུ་འབྲོམ་ཐོད་གཉན་མགོན་ཕུག་ཅེས་དུས་རབས་བཅུ་གཅིག་པའི་མཇུག་ཏུ་བྱོན་པའི་གཉན་ལོ་ཙཱ་བ་དར་མ་གྲགས་ཀྱི་སྒྲུབ་ཁང་མགོན་པོའི་སྐུ་བརྙན་རྩ་ཆེན་བཞུགས་ཡོད་པ་དེ་ཡིན་ཅིང༌། སྒྲུབ་ཁང་དེ་ས་སྐྱའི་ཁའུ་བྲག་རྫོང་དང་ཁྱད་མེད་པའི་གནས་ཁྱད་པར་ཅན་ཡིན་པའི་ཆ་ནས་རྩོམ་པ་པོས་མིང་དེ་ལྟར་སྦྱར་བ་ཡིན་པ་ལས་ཁའུ་བྲག་རྫོང་དངོས་ནི་ས་སྐྱའི་བྱང་ངོས་ཀྱི་ལུང་པའི་ཕུར་ཡོད་པ་དེ་ཡིན།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།