Jump to content

ཁམས་པ་བློ་གྲོས་རྒྱལ་པོ་

ཡོང་ཁུངས་Wikipedia

ཁམས་པ་བློ་གྲོས་རྒྱལ་པོ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་བལ་ཡུལ་དང་རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི《བསྟན་འགྱུར》ལས《དཔལ་ཆེན་མོ་སྒྲོལ་མའི་བསྟོད་པ》དང《སངས་རྒྱས་ཀྱི་སྤྱོད་པ》ཞེས་བྱ་བ་བཞུགས་སོ།།