Jump to content

ཁམས་དྲུག་ཉི་ཟླ་དག་པའི་ཡོན་ཏན་བརྒྱད་

ཡོང་ཁུངས་Wikipedia

སའི་ཁམས་རང་སར་དག་པས་སྟོབས་མཐའ་ཡས་པར་འགྱུར་བ། ཆུའི་ཁམས་དག་པས་ནད་ལ་སོགས་པའི་སྐྱོན་ནམ་ཡང་མེད་པ། མེ་ཁམས་དག་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་འོད་ཀྱིས་ཁྱབ་པ། རླུང་ཁམས་དག་པས་རྫུ་འཕྲུལ་ཡིད་ལྟར་མགྱོགས་པས་འགྲོ་བ། ནམ་མཁའི་ཁམས་དག་པས་གར་ཡང་ཕྱིན་པ། ཉི་མ་སྟེ་དམར་ཆ་དག་པས་རྒྱུད་སྤྲུལ་པ་སྣ་ཚོགས་སྟོན་པ་དང༌། ཟླ་བ་སྟེ་ཁུ་བ་དག་པས་བདེ་བ་ཆེན་པོས་ཐུགས་གང་བ། རྣམ་ཤེས་ཀྱི་ཁམས་དག་པས་དུས་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་ལས་མ་གཡོས་ཤིང་དུས་གསུམ་དུ་ཆགས་ཐོགས་མེད་པའི་ཡེ་ཤེས་འཇུག་པ་རྣམས་སོ། །

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།