Jump to content

ཁམས་ཀྱི་རྒྱལ་པོ་

ཡོང་ཁུངས་Wikipedia

གནའ་རབས་རྒྱ་ནག་གི་ཡུལ་ཧྲིལ་པོའི་སྲིད་དབང་མ་ཐོབ་ཀྱང་རྒྱལ་ཁབ་སྟོབས་ཆེ་བ་གཅིག་གི་འོག་ཏུ་རང་སྲིད་རང་སྐྱོང་གི་རྒྱལ་ཕྲན་གྱི་ཐོབ་ཐང་བཟུང་ནས་བསྡད་པ་མི་ཉུང་བ་ཞིག་ཡོད་པ་དེ་ཚོར་ཁམས་ཀྱི་རྒྱལ་པོ་ཞེས་འབོད་སྲོལ་ཡོད་པ་དང་ཁམས་ཀྱི་རྒྱལ་ཕྲན་ཆེ་བ་དེ་ཚོར་ཤིང་རྟ་སྟོང་པ་ཞེས་བརྗོད་པ་དེའི་རྒྱུ་མཚན་ནི་འབངས་མི་ཁྱིམ་བརྒྱད་རེ་ལ་དམག་མི་གཅིག་བཙུགས་ཏེ་དམག་མི་ཉི་ཤུ་རྩ་ལྔ་ལ་རྟ་བཞི་རེས་དྲངས་པའི་ཤིང་རྟ་འཁོར་ལོ་གཅིག་རེ་ཡོད་པ་དང༌། ཤིང་རྟ་འཁོར་ལོ་སྟོང་ཕྲག་གཅིག་ལ་དམག་མི་ཉིས་ཁྲི་ལྔ་སྟོང༌། དམག་མི་རེའི་ཁོངས་སུ་འབངས་མི་བཞི་རེ་རྩིས་མི་སེར་འབུམ་བརྒྱད་ཙམ་ཡོད། དེ་འདྲའི་ཤིང་རྟ་འཁོར་ལོ་སྟོང་ཕྲག་མ་ལོངས་པའི་རྒྱལ་པོ་ལ་རྒྱལ་ཕྲན་ཞེས་བརྗོད་པ《རྒྱ་ནག་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༣༢ནང་འགྲེལ་བཤད་མདོར་བསྡུས་གསལ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།