ཁམ་པ་ལུང་པ་སྒང་ཤཱཀྱ་ཡོན་ཏན་
མཐོང་རིས་
འདི་བྱ་ཡུལ་ཟེམ་རིན་པོ་ཆེའི་སློབ་མ་དགེ་བཤེས་ཁམ་ལུང་པ་ཞུ་བ་དེ་མ་ཡིན་པར། དགུང་ལོ་གཞོན་དུས་ཚད་མ་ལ་མཁས་པར་སྦྱངས་ཤིང༌། ཇོ་བོ་རྗེ་ཨ་ཏི་ཤ་དང་མཇལ་མྱོང་བ་དང༌། ཇོ་བོ་རྗེ་སྐུ་གཤེགས་རྗེས་འབྲོམ་སྟོན་པ་ཡུན་རིང་པོ་བསྟེན། འཁྲུངས་ཡུལ་ནི་འཕན་པོ་ཡུང་བའི་ནང་དུ་རབ་བྱུང་དང་པོའི་ཤིང་གླང(༡༠༨༥)ལོར་འཁྲུངས། ཁོང་གིས་སློབ་མ་སྐྱོང་སྐབས་གནང་བའི་བློ་སྦྱོང་གི་ཁྲིད་ལ《བློ་སྦྱོང་ཐུན་བརྒྱད་མ》ཞེས་སུ་གྲགས། སློབ་མ་སྟོང་ཕྲག་མ་ལོངས་ཙམ་ཡོད། དགུང་ལོ་དགུ་བཅུ་གོ་གཅིག་ལ་ཕེབས་པ་རབ་བྱུང་གསུམ་པའི་ཤིང་ལུག(༡༡༧༥)ལོར་ཁམ་ལུང་དུ་སྐུ་གཤེགས་པ་ཡིན། ལོ་རྒྱུས་དེ་ཙམ་ལས་ཞིབ་པ་ད་ཕན་མ་མཇལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།