ཁབ་སོ་ནི་ཞིག་
མཐོང་རིས་
དེ་སྔོན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་སྐྱོང་སྐབས་ལྷ་ཁང་དང་དགེ་འདུན་རྣམས་ཀྱི་མཆོད་རྒྱུན་དང་འཚོ་བ་བདག་གཉེར་བྱེད་མཁན་བཙན་པོ་སྒེར་གྱི་བང་མཛོད་ནས་དམིགས་བསལ་ལས་ཁུངས་ལྟ་བུ་ཞིག་བཙུགས་པ་དེ་བཙན་པོ་ལྷ་སྲས་མུ་ནེ་བཙན་པོ་ཡུམ་གྱིས་བཀྲོངས་ཤིང༌། ལྷ་སྲས་མུ་ཏིག་བཙན་པོ་སྐུ་ན་ཕྲ་བའི་སྐབས་དེར་ཆོས་དོན་བདག་གཉེར་གྱི་ལས་ཁུངས་དེ་འཐོར་བ་དེར་ཟེར།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།