ཁང་བ།
མཐོང་རིས་
ཤིང་དང་ས་རྡོ་ལས་གྲུབ་པའི་མིའི་འདུག་གནས་དངོས་རྫས་འཇོག་སའི་རྩིག་དངོས་ཀྱི་མིང་། ཚིག་བསྡུས་ན་ཁང་ཞེས་འབྲི་སྟེ། ཤིང་ཁང་། མཛོད་ཁང་ལྟ་བུ། ཁང་རྩེག་ནི་ཉིས་རིམ་ཡན་ཆད་ཡོད་པའི་ཁང་བའི་མིང་། བདེ་ཁང་ནི་རྩེག་རིམ་མེད་པའི་ཁང་བའི་མིང་། ཁང་མིག་ནི་ཁང་བ་ཀ་བའི་ཁྱོན་རྒྱབ་ནས་ཡོད་པའི་ཁང་བ་རེ་རེ་ལ་ཟེར། དཔེར་ན་ཁྱིམ་ཚང་འདིའི་ཁང་བར་ཁང་མིག་བཞི་འདུག། ཉལ་ཁང་གཉིས་དང་ཐབ་ཚང་ཞིག་དང་མཆོད་ཁང་ཞིག་བཅས་ཁང་མིག་བཞི་འདུག་ལྟ་བུའོ།།