Jump to content

ཁང་དཔོན་

ཡོང་ཁུངས་Wikipedia

འདི་དེབ་སྔོན་གྱི་དཔེ་རྙིང་ཤིང་དཔར་མའི་ནང་ཡིག་འབྲུ་ཆད་པ་དང༌། དབྱངས་ཡིག་ཆད་པ་མང་པོ་ཞིག་སྣང་བ་དེར་ཁང་དཔོན་ཞེས་འཁོད་པ་དེ་ཁོད་དཔོན་ཞེས་པ་ཡིན་ནམ་སྙམ་ཞིང༌། དེ་སྔོན་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་དབུས་གཙང་རུ་བཞི་སུམ་པའི་རུ་དང་བཅས་པར་ཁོད་དཔོན་རེ་བསྐོས་པའི་སྲོལ་ཡོད་པ་ལྟར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྦ་གསལ་སྣང་མངའ་རིས་མང་ཡུལ་གྱི་ཁོད་དཔོན་དུ་བསྐོས་པ་ལ་སྦྱར་ན་གོ་བདེ་བར་སྣང༌།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།