ཁང་ཆེན་བསོད་ནམས་རྒྱལ་པོ་

ཡོང་ཁུངས་Wikipedia

ཁང་ཆེན་བསོད་ནམས་རྒྱལ་པོ་ ཁོང་གི་འཁྲུངས་ལོ་མི་གསལ། འཁྲུངས་ཡུལ་ནི་མངའ་རིས་སྐོར་གསུམ་ནས་ཡིན། རབ་བྱུང་བཅུ་གཉིས་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ 1727 ལོའི་ཧོར་ཟླ་དྲུག་པའི་ཚེས་བརྒྱད་ཉིན་ལྷ་ལྡན་གཙུག་ལག་ཁང་གི་ཚོམས་ཆེན་དུ་ང་ཕོད་རྡོ་རྗེ་རྒྱལ་པོ་དང་། ལུམ་པ་བཀྲ་ཤིས་རྒྱལ་པོ། སྦྱར་ར་བློ་གྲོས་རྒྱལ་པོ་གསུམ་གྱིས་བཀྲོངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་དང་དྲག་རྩལ་སོགས་ལ་ལེགས་པར་སྦྱངས། དེ་ནས་སྐུ་ན་སོན་ཏེ་རྒྱལ་པོ་ལྷ་བཟང་ཧན་གྱིས་མངའ་རིས་སྐོར་གསུམ་གྱི་གཙོ་བདག་ཏུ་བསྐོས། རབ་བྱུང་བཅུ་གཉིས་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ 1717 ལོར་ཇུན་གར་ཚེ་རིང་དོན་གྲུབ་བོད་དུ་ཡོང་ནས་འོས་མིན་གྱི་བྱ་སྤྱོད་སྤེལ་སྐབས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་དང་། ལྷག་པར་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ 1720 ལོར་ཆིན་གོང་མའི་དམག་དཔུང་དང་མཉམ་དུ་ཇུན་གར་ཚེ་རིང་དོན་གྲུབ་ལ་ངོ་རྒོལ་བྱས་པས་ཇུན་གར་བ་མཐའ་དག་བོད་ནས་མཐར་བསྐྲད། རབ་བྱུང་བཅུ་གཉིས་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ 1721ལོར་ཆིན་གོང་མས་གཙོ་བདག་བཀའ་བློན་དུ་བསྐོ་བཞག་བྱས་ཤིང་པི་སིའི་ཆོ་ལོ་དང་དའི་ཆིང་པ་དུར་ཞེས་སྒེར་ཐམ་གནང་། དེ་ནས་ལོ་ངོ་བདུན་གྱི་རིང་དུ་བོད་ཀྱི་ཆབ་སྲིད་བསྐྱངས་སོ།།