ཁང་གསར་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་
མཐོང་རིས་
ཁང་གསར་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་ ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1848 ལོར་ཁམས་དཀར་མཛེས་ཀྱི་ས་ཁུལ་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་གཞོན་དུས་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་གི་ཏྲེ(སྤྲེ)བོ་ཁང་ཚན་དུ་ཞུགས་ནས་སློབ་གཉེར་མཛད། རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་དུས་སུ་རྒྱུད་སྨད་མཁན་པོ་མཛད། དེའི་ཕྱིར་མཁན་ཟུར་ཏྲེ་བོ་ཁང་གསར་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་ཡང་ཟེར། ཁོང་གི་གསུང་རྩོམ་ནི་ཀ་ཁ་ག་བཅས་པོ་ཏི་གསུམ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་སོ།།