ཁག་ཁུར་ལ་གཅེས་པ་བཞི་
མཐོང་རིས་
དཔང་པོ་འགན་ལེན་བྱེད་མཁན་ཏེ། དེང་སང་གི་ཁྲིམས་རྩོད་པ་ལྟ་བུར་གལ་ཆེ་བ་བཞི་ཡོད་པ་དཔེར་ན། ༡རང་ཕྱོགས་ཀྱི་འགན་ཁུར་ཐུབ་པ། ༢གཞན་ཕྱོགས་ཀྱི་སྐྱོན་འཛིན་མཁས་པ། ༣ཕན༌ཚུན་གྱི་སྤྲོད་ལེན་གཙང་མར་མཇུག་སྐྱོང་ཐུབ་པ། ༤ཐ་མའི་ཐག་གཅོད་ཀྱི་ཡི་གེ་གཙང་མར་ལེན་ཐུབ་པ་བཅས་ཀྱི་ཡོན་ཏན་འཛོམས་དགོས་པ་དང༌། དེ་ལས་ལྡོག་ན་རྗེས་སུ་ཁ་མཆུ་བསྐྱར་ལོག་ཡོང་སྲིད་པ་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།