Jump to content

ཁ་རག་གྲགས་རྒྱལ་བ་

ཡོང་ཁུངས་Wikipedia

དཀའ་བཞི་པ་ནམ་མཁའ་འོད་ཟེར་གྱི་སློབ་མ་ཡིན། འཁྲུངས་ལོ་མེ་རྟ་དང༌། སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་གསོལ་ཇ་བ་མཛད་ཚུལ་གསལ་བ་ལྟར་ན་རབ་བྱུང་དྲུག་པའི་མེ་རྟ(༡༣༦༦)ལོར་འཁྲུངས་པ་ཡིན། སྤྱན་སྔ་ཀུན་སྤངས་པའི་དུས་ཇ་དཔོན་མཛད་སྐབས་ཆུ་དབར་བྲོས་ནས་དཀའ་བཞི་པ་ནམ་མཁའ་འོད་ཟེར་སོགས་དང་མཇལ་ཏེ་གདམས་ངག་མང་དུ་གསན། དུས་ཕྱིས་ཁ་རག་ཏུ་རྒྱུན་རིང་སྐུ་མཚམས་ལ་བཞུགས་པས་ཁ་རག་པར་མཚན་ཐོགས། སྐུ་ཚེའི་སྨད་ལ་གདན་ས་ཐེལ་དུ་བཞུགས་ནས་གཞན་དོན་མཛད། དགུང་ལོ་བརྒྱད་ཅུ་གྱ་དྲུག་པ་རབ་བྱུང་བརྒྱད་པའི་ལྕགས་ལུགས(༡༤༥༡)ལོར་སྐུ་གཤེགས། ལོ་རྒྱུས་མདོར་བསྡུས་ཤིག་གོང་གསལ《དེབ་སྔོན》ཤོག་གྲངས༨༠༤ནས ༨༠༥བར་གསལ། ཁ་རག་གྲྭ་པ་འདུལ་བ་འོད། གོང་དུ་སོང་མ་ཐག་པའི་ཁ་རག་གི་གྲྭ་པ་ཆེན་པོ་འདུལ་བ་འོད་ཅེས་པའི་འགྲེལ་བཤད་དེར་གཟིགས།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།