ཁ་ཆེར་སྣ་རྒྱན་ནགས་ཀྱི་གཙུག་ལག་ཁང༌
མཐོང་རིས་
ཁ་ཆེར་སྣ་རྒྱན་ནགས་ཀྱི་གཙུག་ལག་ཁང༌།
[རྩོམ་སྒྲིག]ཁ་ཆེའི་ཡུལ་དུ་ཡོད་པའི་གནའ་རབས་ཀྱི་གཙུག་ལག་ཁང་ཞིག་གི་མིང་སྟེ། འདི་བཞེངས་པ་པོ་སུ་ཡིན་གྱི་ལོ་རྒྱུས་ད་ཕན་མ་མཐོང་ཞིང༌། 《དེབ་ཐེར་སྔོན་པོ》དང《རྒྱ་གར་ཆོས་འབྱུང》གཉིས་ཀའི་ནང་བཀའ་བསྡུ་གསུམ་པ་གཙུག་ལག་ཁང་འདིར་མཛད་ཅེས་གཅིག་མཐུན་དུ་གསལ། དེ་མིན་གྱི་ལོ་རྒྱུས་གསལ་བ་ད་ཕན་མ་མཇལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།