ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་
མཐོང་རིས་
ཁ་ཆེ་བྱེ་བྲག་ཏུ་སྨྲ་བ།
[རྩོམ་སྒྲིག]ནང་པ་སངས་རྒྱས་ལུགས་ཀྱི་གྲུབ་མཐའ་སྨྲ་བ་བའི (༡ བྱེ་བྲག་སྨྲ་བ། ༢ མདོ་སྡེ་པ། ༣ སེམས་ཙམ་པ། ༤ དབུ་མ་པ) ཡོད་པའི་ནང་གསེས་བྱེ་བྲག་སྨྲ་བ་ལ་གནས་གཞིའི་ཡུལ་གྱི་སྒོ་ནས་ཕྱེ་ན་ཁ་ཆེའི་ཡུལ་དུ་བཞུགས་པའི་ཁ་ཆེ་བྱེ་བྲག་སྨྲ་བ་དང༌། རྒྱ་གར་ཡུལ་དབུས་མ་ལྷ་རྙ་རང་དུ་བཞུགས་པའི་ཉི་འོག་བྱེ་བྲག་སྨྲ་བ་གཉིས་ཡོད་པའི་དང་པོ་དེ་ཡིན། དེའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་འཇོག་ཚུལ་སྐོར་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི《ཆོས་མངོན་པ་མཛོད》འགྲེལ་པ་དང་བཅས་པའི་ནང་གཙོ་བོར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་འདོད་ཚུལ་གསུངས་ཡོད་ཅིང༌། བོད་ཀྱི་མཁས་པས་མཛད་པའི་འགྲེལ་པ་རྒྱས་ཤོས་ནི། སྣར་ཐང་མཁན་ཆེན་མཆིམས་ནམ་མཁའ་གྲགས་སམ་ཡོངས་གྲགས་སུ་མཆིམས་འཇམ་དཔལ་དབྱངས་སུ་བསྔགས་པས་མཛད་པ《མཆིམས་མཛོད》ལ་གཟིགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།