ཁ་གསག

ཡོང་ཁུངས་Wikipedia

རང་ཕན་གྱི་དོན་དུ་གཞན་ལ་བསྟོད་ར་བྱེད་པའི་བྱ་སྤྱོད་ཀྱི་མིང་།

1.དག་ཡིག་གསར་བསྒྲིགས་ལས། རང་ཕན་གྱི་དོན་དུ་གཞན་ལ་བསྟོད་ར་བྱེད་པའི་བྱ་སྤྱོད་ཀྱི་མིང་། 2.བརྡ་དག་མིང་ཚིག་གསལ་བ་ལས། རྙེད་བསྐུར་གྱི་ཕྱིར་གཞན་གྱི་བློ་དང་མཐུན་པའི་ཚིག་སྨྲ་བའམ་ངོ་དགའ་བའང་། 3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། ①མི་ལ་ངོ་དགའི་ཆེད་དུ་ཚིག་འཇམ་སྨྲ་བ། ཁ་གསག་གི་ཚིག ②ལོག་འཚོ་ལྔའི་ནང་གསེས་ཤིག་སྟེ། རྙེད་བཀུར་གྱི་ཆེད་དུ་གཞན་འདྲིས་ཤིང་། གཞན་ངོ་དང་མཐུན་པའི་ཚིག་སྨྲ་བའོ།

"https://bo.wikipedia.org/w/index.php?title=ཁ་གསག&oldid=135280"ལས་སླར་རྙེད་སོང།