ཁ་གང་
མཐོང་རིས་
ཁ་གང༌།
[རྩོམ་སྒྲིག]འཇལ་ཚད་ཀྱི་མིང་སྟེ། ༡དར་གོས་དང༌། རས་སོགས་ཞེང་ཚད་དང་དཀྱུས་ཚད་ངོས་སྙོམས་གྲུ་བཞི་མ་གཅིག་གི་མིང༌། ༢བོད་དངུལ་སྐར་མ་གཉིས་དང་ཕྱེད་ཀའི་མིང་སྟེ། བོད་དངུལ་དེ་ནི་རབ་བྱུང་བཅོ་ལྔ་པའི་ས་བྱ(༡༩༠༩)ལོ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱལ་ནང་ནས་བོད་ས་གནས་སུ་ཕྱིར་ལོག་ཕེབས་རྗེས་ལོ་དེར་བཏོན་པའི་བོད་དངུལ་ཞིག་གི་མིང་སྟེ། ༡༩༨༥ལོར་བློ་མཐུན་ཤའོ་ཧུས་ཡོན་གྱིས་རྩོམ་སྒྲིག་བྱས་པའི་བོད་ས་གནས་ཀྱི་དངུལ་ཊམ་ལོ་རྒྱུས་(西藏地方货币史)ཞེས་པའི་དཔར་རིས་ཨང་གྲངས༧ནས༨གཉིས་ལ་གཟིགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།