ཀློང་རྡོལ་དྲུང་ཡིག་དམ་ཆོས་ཡར་འཕེལ་
མཐོང་རིས་
ཀློང་རྡོལ་དྲུང་ཡིག་དམ་ཆོས་ཡར་འཕེལ་ ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས། ཁོང་གིས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713—1793 ) དང་ཀློང་རྡོལ་ངག་དབང་བློ་བཟང་ (1719—1795) སོགས་ལ་བསྟེན་ནས་བྱང་ཆུབ་ལམ་རིམ་གྱི་གསུང་ཆོས་ཐེངས་ཉི་ཤུ་ལྷག་ཙམ་ཞུས་ཏེ་སྙེ་ཐང་རིན་ཆེན་གླིང་དུ་སྒྲུབ་པ་ཉམས་ལེན་རྩེ་གཅིག་ཏུ་མཛད། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། །ཁོང་གི་གསུང་རྩོམ་ནི《[[ལམ་རིམ་ཚིགས་བཅད་འོད་དཀར་འཕྲོ་བ་ལས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ]]》དང་། 《[[ལམ་རིམ་ཚིགས་བཅད་འོད་དཀར་འཕྲོ་བ་ལས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ]]》། 《ལམ་རིམ་ཚིགས་བཅད་འོད་དཀར་འཕྲོ་བ་ལས་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ》བཅས་པོད་གཅིག་བཞུགས་སོ། །