Jump to content

ཀློག་སྐྱ་ཤེས་རབ་བརྩེགས་པ་

ཡོང་ཁུངས་Wikipedia

ཀློག་སྐྱ་ཤེས་རབ་བརྩེགས་པ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལརྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སློབ་གཉེར་ལེགས་པར་མཛད་ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི《བཀའ་འགྱུར་》ལས《[[སེང་གེ་སྒྲའི་དམ་བཅས་པའི་གཟུངས》དང་། 《བསྟན་འགྱུར་》ལས《ཡི་གེ་བདུན་པའི་སྒྲུབ་ཐབས་》སླད་ནས་མར་པ་ཆོས་ཀྱི་དབང་ཕྱུག་ (1042–1136) གིས་ཞུས་ཏེ་གཏན་ལ་ཕབ། 《འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་བ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་》ཤོ་ལོ་ཀ་ཉིས་སྟོང་ལྔ་བརྒྱ་བ། 《བྱང་ཆུབ་ཀྱི་སེམས་བསྒོམ་པ་》། 《འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཆོ་ག་མདོ་དང་བསྲེས་པ་》། 《མཚན་བརྗོད་འགྲེལ་བ་བར་བའི་སྐོར་གསང་ལྡན་གྱི་དཀའ་འགྲེལ་དོན་བསྡུས་སྒྲོན་མ་》བཅས་བཞུགས་སོ། །