Jump to content

ཀླུང་ཤོད་དགེ་འདུན་བསྟན་པ་དར་རྒྱས་

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „དགའ་ལྡན་ཁྲི་ཐོག་ཉེར་གཉིས་པ་དགེ་འདུན་བསྟན་པ་དར་རྒྱས“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

ཀླུང་ཤོད་དགེ་འདུན་བསྟན་པ་དར་རྒྱས་ ཁོང་ནི་རབ་བྱུང་བརྒྱད་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ 1493 ལོར་ཀླུང་ཤོད་དབུ་སྣར་སྐུ་འཁྲུངས། རབ་བྱུང་བཅུ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1568 ལོར་སྐུ་གཤེགས། ཁོང་གིས་རྒྱལ་བའི་བཀའ། འཕགས་པའི་ལུང་། མཁས་པའི་གསུང་རབ་བཅས་ལ་ཐོས་བསམ་ནན་ཏན་དུ་མཛད་པས་དགེ་བའི་བཤེས་གཉེན་ཆེན་པོར་གྱུར་ཏེ་མལ་གྲོ་ཆ་དཀར་གྱི་བླ་མ་མཛད་པ་ན། འབྲི་གུང་པའི་དམག་འཕོགས་པས་བྲག་དབར་དུ་སྤོས་ཤིང་མཁར་སྐྱའི་ཞལ་བདག་ཀྱང་མཛད། དེ་ནས་བྱང་རྩེར་བྱོན་ཏེ་འཆད་ཉན་པ་ཡུན་རིང་དུ་མཛད། དགུང་ལོ་བདུན་ཅུ་དོན་གསུམ་པ་རབ་བྱུང་དགུ་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ 1565 ལོར་དགའ་ལྡན་གསེར་ཁྲི་ལ་ཕེབས་ནས་ལོ་ངོ་བཞིའི་རིང་དུ་གསེར་ཁྲི་བསྐྱངས་ཤིང་འཆད་ཉན་བཅས་ལ་དོ་དམ་གང་ལེགས་གནང་། དགུང་ལོ་བདུན་ཅུ་དོན་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་དངུལ་ལས་གྲུབ་པའི་དབྱེན་འདུམ་མཆོད་རྟེན་བཞེངས་ཏེ་ལི་མ་ལྷ་ཁང་གི་རྟེན་གཙོ་བོར་བཞུགས། དུས་མཆོད་དབོན་བརྒྱུད་ཀྱིས་འཛིན་ནོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་ཉེར་གཉིས་པ་ཡིན་ནོ། །