Jump to content

ཀླུ་ཤོད་ཚོ་བ་བརྒྱད་

ཡོང་ཁུངས་Wikipedia

ཀླུ་ཤོད་ཚོ་བ་བརྒྱད་ནི་བསང་ཆུའི་རྫོང་གི་ལྷོ་རྒྱུད་དུ་གནས་ཤིང་། ཤར་རྔོག་ཚོ་ལྔ། ལྷོ་ཅོ་ནེ་ཀླུ་ཆུང་། ནུབ་དམེ་ཤུལ་དང་། འབོ་ར། ཀླུ་ཆུ། བྱང་རྒྱལ་མོ་བཅས་དང་ཡུལ་མཚམས་འདྲེས། ཀླུ་ཤོད་ཚོ་བརྒྱད་དང་ཨ་མཆོག་ཚོ་བརྒྱད་ནི་གདུང་རྒྱུད་གཅིག་ལས་མཆེད། ས་ཁོངས་དབྱེ་ཚུལ་ཐད་ནས་འབོ་ར་ཚོ་བཞི་སྟོད་ཀྱི་ཚོ་བརྒྱད་དང་། སྨད་ཀྱི་ཚོ་བརྒྱད་བཅས་ཁག་གཉིས་སུ་དབྱེ། ཀླུ་ཤོད་ཚོ་བརྒྱད་ཀྱི་མི་རྒྱུད་གོང་མ་ནི་སྔོན་དབུས་གཙང་ནས་རྔ་བའི་ར་མདོ་རུ་འོངས་ཏེ་གཞིས་བཅས་ཏེ་བསྡད། རིམ་བཞིན་མི་རྒྱུད་འཕེལ་ཏེ་ཚོ་བ་ཆགས། དེ་ལས་ཁ་ཤས་ཀླུ་ཤོད་དུ་འོངས། མི་ཁྱིམ་སྟོང་ཙམ་ཡོད་པས་ཡུལ་དེར་སྟོང་འདུས་ཁུག་ཏུ་བཏགས། རི་བོ་ཨ་མཆོག་འདྲ་བའི་རི་སིལ་དུ་གཞི་བཅས་པས་ཡུལ་དེར་ཨ་མཆོག་ཅེས་བཏགས། རྗེས་སུ་ཡུལ་མིང་ཚོ་མིང་དུ་གྱུར། བཅིངས་འགྲོལ་མ་བཏང་གོང་དུ་ནི་སྟོད་ཀྱི་ཚོ་བ་བརྒྱད་ཀྱི་སྟེང་སྒྱིས་ཚང་བསྣན་པས་ཚོ་བ་དགུ་མཆིས། སྨད་ཀྱི་ཚོ་བ་བརྒྱད་ཀྱི་སྟེང་གྱི་ལང་བསྣན་པས་ཚོ་བ་དགུ་བཅས་མངའ། ཀླུ་ཤོད་ཚོ་བ་བརྒྱད་ཀྱང་ཀུན་མཁྱེན་གྱི་ལྷ་སྡེ་ཚོ་བ་ཡིན་ནོ། །