Jump to content

ཀླུ་ཤོད་ངག་དབང་དར་རྒྱས་

ཡོང་ཁུངས་Wikipedia

ཀླུ་ཤོད་ངག་དབང་དར་རྒྱས་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ1769ལོར་མདོ་སྨད་ཀླུ་ཤོད་ཀྱི་ཨ་འབོའི་བླ་མ་སྐྱབས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ 1846 ལོར་སྐུ་གཤེགས། ཁོང་དགུང་ལོ་སུམ་ཅུར་ཉེ་བའི་བར་དུ་ཨ་འབོའི་བན་ཡ་ཞེས་འཁྱམ་པ་གྲགས་ཅན་ཞིག་ཡིན། དེ་ནས་ངེས་འབྱུང་སྐྱེས་ཏེ་ཁྱིམ་ཐབ་སྤངས་ཤིང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། བསྡུས་གཞུང་དང་གཞུང་ཆེན་རྣམས་ལ་ཐོས་བསམ་ནན་ཏན་དུ་མཛད་པས་དགེ་བཤེས་ཀྱི་གོ་སར་ཐོན། རབ་ཏུ་བྱུང་ནས་བཟུང་ཚུལ་ཁྲིམས་མིག་བབྲས་ལྟར་དུ་བསྲུངས། སྐུ་འདའ་ཁའི་བར་དུ་གསང་འདུས་ལ་ཐུགས་དམ་མཛད། དགུང་ལོ་རེ་དགུ་པ་རབ་བྱུང་བཅུ་བཞི་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1838 ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་ལ་བཞུགས་ནས་ལོ་དྲུག་གི་རིང་དུ་འཆད་ཉན་དང་གཏོང་སྒོ་གང་གི་ཐད་ནས་ཀྱང་དགེ་འདུན་མང་ཚོགས་ཀྱི་ཐུགས་ཡིད་ཚིམ་པར་བསྐྱངས། ཁྲི་ཟུར་ནས་སྒྲུབ་པ་ཉམས་ལེན་མཛད་མུར་དགུང་ལོ་དོན་བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་རབས་བཅུ་བཞི་པ་ཡིན་ནོ། །