ཀླུ་བདུད་བཅོ་བརྒྱད་

ཡོང་ཁུངས་Wikipedia

ཀླུ་བདུད་བཅོ་བརྒྱད་ Ludhu 18

འདི་ནི་བོད་ཀྱི་གསོ་རིག་ལས་དྲེག་གྲུམ་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཡིན་ཏེ། ཀླུ་བདུད་རྡོ་རྗེ། བི་ཥ་ནག་པོ། ཐལ་ཀ་རྡོ་རྗེ། སྟོང་ཟིལ། བྲག་ཞུན་ཁཎྜ་སོགས་སྨན་སྣ་བཅོ་བརྒྱད་ལས་གྲུབ་པ་དང་། དྲེག་གྲུམ་དང་རྐང་མཐིལ། རུས་ཚིགས་སྐྲངས་པ་སེལ་བར་ཕན་པ་ཞིག་ཡིན།

སྨན་སྦྱོར[རྩོམ་སྒྲིག]

ཀླུ་བདུད་རྡོ་རྗེ། བི་ཥ་ནག་པོ། ཐལ་ཀ་རྡོ་རྗེ། སྟོང་ཟིལ། བྲག་ཞུན་ཁཎྜ། ཤུ་དག སླེ་ཏྲེས། ཨ་རུ། དབང་བོ་ལག་པ། བ་རུ། སྤོས་དཀར། གླ་རྩི། སོ་མ་རཱ་ཛ། གུ་གུལ་ནག་པོ། སེང་ལྡེང་། བ་ཤ་ཀ སྐྱུ་རུ་སོགས་སྨན་སྣ་བཅོ་བརྒྱད་ལས་གྲུབ་པ་ཡིན།

ཕན་ནུས[རྩོམ་སྒྲིག]

ཀླུ་བདུད་བཅོ་བརྒྱད་ཆུ་སྐོལ་ཚན་མོས་དབུལ། །མཛེ་དང་གཡན་པ་གླང་ཤུ་དྲེག་ནད་དང་། །ཟ་རྐོང་ཕོལ་འབྲས་གཉན་སྲིན་ཡ་མ་སོགས། །ཆུ་སེར་ཚ་བའི་ནད་རིགས་ཡིན་ནོ་ཅོག །ཁྱད་པར་ཐིག་ནག་འབམ་དང་གྲུམ་བུ་འཇོམས། །

བསྟེན་ཚུལ[རྩོམ་སྒྲིག]

ཉིན་རེར་ཐེངས1དང་། ཐེངས་རེར་རིལ་བུ1རེ་བསྟེན།

དཔྱད་གཞིའི་ཡིག་ཆ[རྩོམ་སྒྲིག]

1 མཁས་དབང་མཁྱེན་རབ་ནོར་བུ་སོགས་ཀྱིས་མཛད་པའི 《གསོ་རིག་སྐོར་གྱི་རྒྱུན་མཁོ་གལ་ཆེ་བ་བདམ་བསྒྲིགས》 མི་རིགས་དཔེ་སྐྲུན་ཁང་། 2002ལོའི་ཟླ9པའི་པར་གཞི་གཉིས་པ། ཤོག་ངོས321ན་གསལ།