ཀྲི་དབེན་ལོ་ཉི་ཤུ་རྩ་གསུམ་པ་
མཐོང་རིས་
འདི་རྒྱ་སྐད་ཀྱི་ཀྲི་ཡོན(至元)ཞེས་པའི་སྒྲ་བོད་སྐད་དུ་བསྒྱུར་བ་སྟེ། ཡོན་རྒྱལ་རབས་ཀྱི་གོང་མ་ཧུའི་ཙུང་ཨོལ་ཇོའི་ཐུའམ་ཡོངས་གྲགས་སུ་ཐོ་ཀེན་ཐེའི་མུར་ཞེས་འབོད་པ་དེས་སྲིད་དབང་ལོ་ངོ་སུམ་ཅུ་སོ་བདུན་བཟུང་བའི་ཐོག་མའི་ལོ་གསུམ་གྱི་ཁྲི་ལོའི་མིང་ལ་ཡོན་ཐུང(元统)དང་། དེའི་རྗེས་ཀྱི་ལོ་དྲུག་གི་ཁྲི་ལོའི་མིང་ལ་ཀྲི་ཡོན(至元)དེའི་རྗེས་ཀྱི་ལོ་ཉི་ཤུ་རྩ་བརྒྱད་ཀྱི་ཁྲི་ལོའི་མིང་ལ་ཀྲི་ཀྲེང(至正)བཅས་ཡིནཔས། འདིའི་ཀྲི་ཡོན་ལོ་ཉི་ཤུ་རྩ་གསུམ་པ་ཞེས་པ་དེ་ཀྲི་ཀྲེང་ལོ་ཉི་ཤུ་རྩ་གསུམ་པ་དང་ནོར་བ་མིན་ནམ་སྙམ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།