ཀྲི་ཀྲིའི་རྨི་ལམ་ལུང་བསྟན་མདོ་
མཐོང་རིས་
བཀའ་འགྱུར་སྡེ་དགེ་དཔར་མའི་མདོ་མང་པོད[ཨོ]གྱི་ནང《མ་གྷ་དྷ་བཟང་མོའི་རྟོགས་བརྗོད》ཅེས་ཁ་བྱང་དུ་འཁོད་པ་དེ་ཡིན་ཅིང་། དེའི་ནང་དོན་མདོར་བསྡུས་ཙམ་ནི། སྔོན་སངས་རྒྱས་འོད་སྲུང་གི་དུས་རྒྱལ་པོ་ཀྲི་ཀྲིའི་བུ་མོ་གསེར་ཕྲེང་ཅན་ལ་རྨི་ལམ་མི་འདྲ་བ་བཅོ་བརྒྱད་བྱུང་བར་དེ་སངས་རྒྱས་འོད་སྲུང་ལ་ཞུས་པས། དེ་ནི་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་འབྱུང་འགྱུར་གྱི་ལྟས་ཡིན་ཞེས་ལུང་བསྟན་ཚུལ་གསུངས་པ་དེ་ཡིན། རྨི་ལམ་བཅོ་བརྒྱད་དང་དེའི་འགྲེལ་བཤད་སྐོར་གཤམ་དུ་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་བཅོ་བརྒྱད་ཅེས་པ་དེར་གཟིགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།