ཀྱེེ་རྡོར་མཚོན་ཆ་ཅན་ལྷ་བཅུ་བདུན་མ་
མཐོང་རིས་
བཤད་རྒྱུད་སམ་བྷུ་ཊིའི་བརྟག་པ་གསུམ་པའི་རབ་བྱེད་དགུ་པ་ལས་གསུངས་པའི་ཀྱེེ་རྡོར་རྣམ་འགྱུར་མི་འདྲ་བ་ཞིག་སྟེ། ཕྱག་བཅུ་དྲུག་ལ་མཚོན་ཆ་མི་འདྲ་བ་བཅུ་དྲུག་བསྣམས་ཡོད་པས་མཆོན་ཆ་ཅན་ཞེས་ཟེར། འདི་ལ་རིགས་མི་འདྲ་བ་བཞི་སྟེ། ༡སྙིང་པོ་ཀྱེེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ༢ཐུགས་ཀྱེེ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། ༣་གསུང་ཀྱེེ་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ། ༤སྐུ་ཀྱེེ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་བཅས་ཡོད། དེ་རྣམས་ཀྱི་སྤྱི་བཀའི་དབང་ནི《རྡོ་རྗེ་ཕྲེང་བའི་དབང》བཅུ་བཞི་པ་ནས་བཅུ་བདུན་པའི་བར་ཡོད་ཅིང་། འདི་ལ་ཟུར་བཀའི་དབང་ལོགས་སུ་མེད་པ་འདྲ་སྙམ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།