Jump to content

ཀྱེེ་རྡོ་རྗེ་མན་ངག་ལུགས་

ཡོང་ཁུངས་Wikipedia

སྙིང་པོ་ཀྱེེའི་རྡོ་རྗེ་གྲུབ་ཆེན་བིར་ཝ་པའི་ལུགས་ཀྱི་མིང་གི་རྣམ་གྲངས་སྟེ། གྲུབ་ཆེན་བིར་ཝ་པ་དང་མཁྱེན་རྟོགས་མཉམ་པར་གྲགས་པ་གྲུབ་ཆེན་ཊོམ་བྷི་ཧེ་རུ་ཀཿཡི་མན་ངག་ལ་བརྟེན་ནས《བཤད་རྒྱུད་རྡོ་རྗེ་གུར》གྱི་རྗེས་སུ་འབྲངས་ཏེ་སློབ་དཔོན་མི་ཐུབ་ཟླ་བས《སྒྲུབ་ཐབས་ཡན་ལག་དྲུག་པ》སོགས་མཛད་པ་དེར་ཀྱེེ་རྡོར་མན་ངག་ལུགས་ཞེས་སུ་གྲགས་ཤིང་། དེའི་དབང་ལུང་ཁྲིད་སོགས་ས་སྐྱའི་བླ་ཆེན་རིམ་བྱོན་བརྒྱུད་ནས་དགེ་ལུགས་ཕྱོགས་སུ་ཡང་ཕྱག་བཞེས་ཀྱི་རྒྱུན་ཡོད་པ་དེ་ཡིན།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།