ཀྱེན་ཁང་
མཐོང་རིས་
འདི་རྒྱ་སྐད་ཀྱི་ཅེན་ཁང(建康)ཞེས་པའི་སྒྲ་བོད་སྐད་དུ་བསྒྱུར་བ་སྟེ། དེང་སང་གི་ཅང་སུའུ་ཞིང་ཆེན་གྱི་ནན་ཅིན་གྲོང་ཁྱེར་གྱི་མིང་རྙིང་པ་ཡིན། སྔར་རྒྱལ་ཁབ་གསུམ་གྱི་དུས་སྐབས་སུ་གྲོང་ཁྱེར་འདིའི་མིང་ལ་ཅེན་ཡེ(建业)ཟེར་ཞིང་། རྗེས་སུ་ཅིན་ནུབ་མའི་རྒྱལ་རབས་ཀྱི་རྒྱལ་པོ་བཞི་པ་ཅིན་མིན་དྷིས་སི་མ་གཡེས་ཀྱི་ཅེན་ཤིན་ཁྲི་ལོ་དང་པོ(༣༡༣)ལོར་ཅེན་ཁང་ཞེས་མིང་བསྒྱུར་བྱས། རྗེས་སུ་ཅིན་ཤར་མ་དང་། ཆིས་། སུང་། ལེའང་། ཁྲེན་རྒྱལ་རབས་ལྔ་ཐང་ལྷོ་མ། ཏཱ་མིན་རྒྱལ་རབས་ཀྱི་དུས་འགོ་ཞི་བདེ་ལྷ་རྒྱལ། ལྕགས་ཕག་ལོའི་གསར་བརྗེ་བཅས་ཀྱི་སྐབས་རྒྱལ་ས་ནན་ཅིན་དུ་བྱེད་མྱོང་། དེང་སང་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གནས་ཡུལ་ཡིན་ཅིང་། རྒྱལ་ཡོངས་སུ་སྙན་གྲགས་ཅན་གྱི་གྲོང་ཁྱེར་ཉི་ཤུ་རྩ་བཞིའི་ཁོངས་སུ་ཡོད་པས། གྲོང་ཁྱེར་གྱི་ལོ་རྒྱུས་ཕྱོགས་བསྡུས་རྒྱ་ཡིག་ཐོག་དཔར་སྐྲུན་བྱས་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།