སྔོ་སྨན་གྱི་རིགས་ཀྱི་ལྕེ་མེ་ཏོག་སྔོ་ནག་འཆར་བ་ཞིག་རོ་ཁ། ཞུ་རྗེས་བསིལ། ནུས་པས་སྐྲངས་པ་འཇོམས། གག་པ་སེལ། ཆུ་སེར་སྐེམ། མིང་གི་རྣམ་གྲངས་ལ་སྐྱོང་བྱེད་དང༌། སྤྱང་དུག་ནག་པོ། ཤེལ་ཏང་ནག་པོ་བཅས་སོ། །