ཀྱི་ཚོ་བར་པ་
མཐོང་རིས་
དེ་སྔོན་བསྟན་པ་ཕྱི་དར་འགོ་ཚུགས་སྐབས་དབུས་གཙང་གི་མཁས་པ་མི་དྲུག་ལས་བྱུང་བའི་ནང་ཚན་གཙང་གི་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལ་མཁན་བརྒྱུད་འཛིན་ཐུབ་པའི་སློབ་མ་ཉི་ཤུ་ཡོད་ཅིང་། དེའི་ནང་ནས་ཀྱི་ཡེ་ཤེས་དབང་པོའི་སློབ་མ་སྤང་གིས་འཁྲིས། ཞང་ཚུལ་འཕགས་ཀྱིས་བྱ་རྒྱུས། ཀོང་པོ་ཐར་པ་རིན་ཆེན་གྱི་སློབ་མ་གཟུ་སྟོན་འཕན་གྲགས་ཀྱིས་ཀྲེའི་ལྕེ་མཚམས་དང་། རྒྱན་མཁར་སྟག་ལུང་ལྕེ་བཙུན་དཀར་པོས་ཨང་ཡིག་གཡུང་སྟོན་ཛ་ཀ་རིས་བ་འོར། ས་ཤབ་རྩེ་ལྷ་ཁང་བཅས་བཟུང་བ་ལས་གཟུ་ཚོ་དང་། ཀོང་ཚོ་གཉིས་བྱུང་བ་དེའི་སྤྱི་མིང་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།