ཀྭ་འོད་མཆོག་གྲགས་པ་
མཐོང་རིས་
བསྟན་པ་ཕྱི་དར་གྱི་འགོ་མ་བཙུགས་གོང་དུ་བལ་ཡུལ་དུ་བྱོན། མཁས་པ་མང་པོ་བསྟེན་ནས་འདུལ་བ་དང་ཕར་ཕྱིན་སོགས་ལ་མཁས་པར་སྦྱངས་ཏེ་ཁམས་སུ་ཕེབས། བླ་ཆེན་དགོངས་པ་རབ་གསལ་གྱིས་ཁོང་གི་དྲུང་དུ་ལོ་བཅུ་གཉིས་རིང་བསྟེན་ནས་གཞུང་ཆེན་པོ་ལྔའི་བཤད་པ་གསན་ཚུལ《དེབ་སྔོན》དང《མཁས་པའི་དགའ་སྟོན》གཉིས་ཀར་གསལ་ཞིང་། དེ་ལས་ཞིབ་པའི་ལོ་རྒྱུས་གཞན་དག་མ་མཐོང་ལགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།