ཀོང་ཙེ་གང་
མཐོང་རིས་
རི་མོ་འབྲི་མཁན་རྣམས་ཀྱི་ཚོན་བླུགས་སའི་ཀོང་བུ་སྣ་ཚོགས་འཇུག་སའི་སྣོད་སྤྱད་གྲུ་བཞི་ཞིག་སྟེ་ཚོན་མདོག་རིགས་མི་འདྲ་བ་ཇི་དགོས་ཀོང་བུ་གཡའ་མེད་པ་རྫ་སྣོད་ལྟ་བུ་ཆུང་ངུའི་ནང་དུ་སྦངས་ཏེ་ཀོང་བུ་དེ་དག་ཕན་ཚུན་མ་འདྲེས་པ་དང་། ཁ་འཐོར། མགོ་མཇུག་ལྡོག་པ་སོགས་མི་ཡོང་བའི་ཆེད་དུ་ཤིང་ལས་བཟོས་པའི་སྣོད་སྤྱད་དྲ་མིག་ཅན་ཞིག་ནང་དུ་འཇོག་ཀྱི་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།