Jump to content

ཀོང་པོ་བྲག་གསུམ་གྱི་མཚོ་རྫོང་

ཡོང་ཁུངས་Wikipedia

ཀོང་པོ་ཞོ་ཁ་རྫོང་མཚོ་འགོ་ཆུས་ཀྱི་ཁོངས་སུ་ཡོད་པའི་མཚོ་ཆེན་པོ་ཞིག་གི་དཀྱིལ་དུ་རི་ཆུང་དང་། དེར་ལྷ་ཁང་ཆུང་ཆུང་ཞིག་གི་ནང་གུ་རུ་དྲག་པོ་ཞེས་སློབ་དཔོན་པདྨ་འབྱུང་གནས་ཁྲོ་བོའི་སྐུར་བཞེངས་པའི་སྐུ་བརྙན་ཞིག་བཅས་ཡོད། གནའ་དུས་བོད་ཀྱི་བཙན་པོའི་ལོ་རྒྱུས་སུ་བཙན་པོ་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་གྱིས་བྲག་གསུམ་གྱི་མཚོ་འདིའི་འགྲམ་ནས་རྟ་འདོ་བ་ཅང་ཤེས་རྙེད་པའི་ལོ་རྒྱུས་ཡོད་པ་དང་། དམངས་ཁྲོད་ཀྱི་ངག་རྒྱུན་དུ་མཚོ་འདིའི་ནང་ནས་སྐབས་རེ་རྟ་འགྲོ་བ་མཐོང་རྒྱུ་ཡོད་ཟེར།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།