Jump to content

ཀོང་ཆུ་བརླག་

ཡོང་ཁུངས་Wikipedia

གནའ་རབས་བོད་ཀྱི་དམངས་ཁྲོད་ཤོད་རྒྱུན་དུ། ཡར་ལུང་གཙང་པོ་འདི་བཞིན་ལྷོ་ཁ་ནས་དྭགས་པོ་རྒྱ་ཚ་བརྒྱུད་ཀོང་སྨད་རྩེ་ལྷ་སྒང་དུ་ཉང་ཆུ་དང་འདྲེས་ཏེ་རྒྱ་ལ་སེང་གཏམ་གྱི་བར་འགྲོ་བ་དང་། དེ་ནས་རིའི་ཁོག་པ་བརྒྱུད་ནས་རྒྱ་གར་ཤར་ཕྱོགས་ཀྱི་ཨ་སམ་ཡུལ་ཐོན་འགྲོ་བར་བརྟེན་རིའི་ཁོག་པ་བརྒྱུད་མཚམས་སུ་ཆུ་འདི་ཕྱོགས་གར་སོང་མི་ཤེས་པར་བརླག་པ་ལྟར་གྱུར་པས་ས་ཆ་དེར་ཀོང་ཆུ་བརླག་ཟེར་སྲོལ་ཡོད།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།