ཀོ་ས་ལའི་རྒྱན་
མཐོང་རིས་
ནང་པ་སངས་རྒྱས་པའི་གཞུང་གི་ནང་གསེས་གསང་སྔགས་ལ་རྒྱུད་སྡེ་བཞིར་ཕྱེ་བའི་རྣལ་འབྱོར་གྱི་རྒྱུད《དཔལ་དེ་ཉིད་འདུས་པའི་རྒྱུད》ལ་རྒྱ་གར་གྱི་སློབ་དཔོན་མཁས་པ་གསུམ(སློབ་དཔོན་སངས་རྒྱས་གསང་བ་དང་། ཤཱཀྱ་བཤེས་གཉེན། ཀུན་དགའ་སྙིང་པོ)གྱིས་འགྲེལ་པ་མཛད་ཡོད་ཅིང་། 《ཀོ་ས་ལའི་རྒྱན》སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་བམ་པོ་སུམ་ཅུ་སོ་གཅིག་སྟེ་ཤོ་ལོ་ཀ་ཆིག་སྟོང་ཉིས་བརྒྱ་ཡོད་པ་དེ་ལོ་ཆེན་རིན་ཆེན་བཟང་པོས་བོད་སྐད་དུ་བསྒྱུར་ཞིང་། སྡེ་དགེ་བསྟན་གྱུར་རྒྱུད[ཡི]དང[རི]གཉིས་ལ་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།