ཀོ་ཤ་
མཐོང་རིས་
དེ་སྔོན་ས་སྐྱ་བས་བོད་ས་གནས་ཀྱི་སྲིད་དབང་བཟུང་སྐབས་ཡོན་རྒྱལ་རབས་ཀྱི་ཁྲིམས་ལུགས་ལྟར་རྟ་ལྕག་གི་ཚབ་ཏུ་བེད་སྤྱོད་གཏོང་བའི་ཁྲིམས་ལྕག་རྒྱུག་པའི་སྣེར་ཀོ་བ་ལེབ་མོ་སྦར་མཐིལ་ཙམ་བརྩེགས་མ་ལྔ་ཙམ་བྱས་པ་འགྲམ་པ་དང་འཕོངས་མཚོས་གཉིས་ཀར་གཞུ་ཆོག་པའི་ཁྲིམས་ཆས་ཤིག་སྟེ། ཡོངས་གྲགས་ཀྱི་ཁ་རྒྱུན་དུ་ཀོ་ལྕག་ཅེས་འབོད་པ་དེ་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།