Jump to content

ཀོ་བྲག་པ་བསོང་ནམས་རྒྱལ་མཚན་

ཡོང་ཁུངས་Wikipedia

ཆོས་ལུགས་འདི་ཡིན་གྱི་དམིགས་བསལ་མེད་ཅིང་གྲུབ་མཐའ་རིས་མེད་ཀྱི་སློབ་མ་ཤིན་ཏུ་མང་བའི་བླ་ཆེན་ཞིག་ཡིན། འཁྲུངས་ཡུལ་དིང་རི་དང་། རུས་རྒྱུད་ལྡོང་། ཡབ་གཙོ་བོ་རྒྱལ་གཡུང་དང་ཡུམ་སྟོད་མོ་རྗེ་མ་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ཆུ་སྟག(༡༡༨༢)ལོར་འཁྲུངས། ཆུང་དུས་འབྲི་ཀློག་དཀའ་ཚེགས་མི་དགོས་པར་མཁྱེན། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་དང་། བླ་མ་རྡོ་རྗེ་དཔལ་བ། རྒྱ་ཕུག་ཇོ་སྲས། པཎ་ཆེན་རརྞ་ཤྲི་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་ཉི་ཤུར་ཕེབས་སྐབས་ཆོས་རྗེ་སྐོས་ཀྱིས་མཁན་པོ་དང་། ཕྱ་རུ་འདུལ་འཛིན་གྱིས་སློབ་དཔོན། སློབ་དཔོན་ལོས་གསང་སྟོན་མཛད་ནས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཚན་ལ་བསོད་ནམས་རྒྱལ་མཚན་ཞེས་གསོལ། གངས་ཏི་སེར་ལོ་ལྔའི་རིང་སྒོམ་སྒྲུབ་ལ་བཞུགས་པས་ཉམས་རྟོགས་ཀྱི་རྩལ་ཕུལ་དུ་བྱུང་བ་ཐོབ་ཅིང་མྱང་སྟོད་རྒྱལ་རྩེའི་ཀོ་བྲག་དགོན་པ་བཏབ་ནས་དེར་གཙོ་བོར་བཞུགས་པས་ཀོ་བྲག་པ་ཞེས་གྲགས། བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་དགུང་ལོ་བརྒྱད་ཅུ་པ་རབ་བྱུང་བཞི་པའི་ལྕགས་བྱ(༡༢༦༡)ལོར་དགོངས་པ་རྫོགས། རྣམ་ཐར་ཞིབ་པ་ད་ཕན་ཁོ་བོས་མ་མཇལ་ལགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།